[98B] ཨཱརྱ་ཛམྦྷ་ལ་ནཱ་ཡ་ཨཥྚ་ཤ་ཏ་ཀཾ། བོད་སྐད་དུ་ འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་གནོད་འཛིན་ལ་ཕྱག་འཚལ་ལོ། །དེ་ནས་གནོད་སྦྱིན་འབྲོག་གནས་པོ་།གསེར་དག་གིས་ ནི་ལེགས་པར་བརྒྱན། །རིན་ཆེན་གྱིས་ནི་རབ་མཛེས་ཤིང། །མེ་ནི་ཤིན་ཏུ་འབར་འདྲ་བ། །ལྕང་ལོ་ཅན་དུ་བཞུགས་ནས་ཀྱང། །གསང་བདག་རྡོ་རྗེ་འཆང་བ་ཡི། །ཞབས་གཉིས་ [99A]༄༅། །ལ་ནི་རབ་འཇུས་ནས། །ཤིན་ཏུ་མཉམ་བཞག་དྲིས་བ་ནི་།བཅོམ་ལྡན་གནོད་འཛིན་རྒྱལ་དབང་པོ། །གསང་སྔགས་ཚོགས་ནི་ཀུན་ གྱི་བདག་རིག་སྔགས་འཆང་རྣམས་ཀུན་གྱིས་མཆོད། །ལྷ་དང་ལྷ་མིན་ཕྱག་བྱས་པས། །མ་རུངས་འདུལ་ལ་བརྩོན་པ་པོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ ལྡན༑ ༑མགོན་པོ་སེམས་ཅན་ཀུན་དོན་མཛད། །སངས་རྒྱས་ཀུན་གྱི་གསང་བ་འཛིན། །སེམས་ཅན་རྣམས་ལ་ཕན་འདོད་པས། །སྙིང་རྗེས་ནོན་པའི་ཡིད་ཀྱིས་ སུ༑ ༑ཡང་དག་རྫོགས་པའི་བྱང་ཆུབ་ཕྱིར། །བདག་གིས་ཀྱང་ནི་སེམས་བསྐྱེད་དེ། །མི་རྣམས་ནོར་ནི་ཉུང་བ་དང། །བསོད་ནམས་ཆུང་ཞིང་དབང་ཆུང་བ། །མཐོང་ ནས་སྡུག་བསྔལ་ཆེན་པོ་ཡིས། །རབ་ཏུ་གཟིར་ཏོ་གསང་བའི་བདག་དེ་ནས་གནོད་འཛིན་གྱིས་སྨྲས་ནས། །བཅོམ་ལྡན་གསང་བ་གསང་བའི་བདག་སྙིང་རྗེས་ ནོན་ཏེ་སྨྲས་པ་ནི། །ལེགས་པར་ཉོན་ཅིག་གསང་བ་པ། །མགོན་པོ་གནོད་འཛིན་དཔལ་དང་ལྡན། །སེམས་ཅན་ཀུན་གྱི་དོན་བྱེད་པ། །དབུལ་པོའི་ཉོན་མོངས་ སེལ་བ་པོ། །ནོར་རོ་ཅོག་གི་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་བསོད་ནམས་ལྡན། །དབུལ་བའི་ཉེས་སྡིག་སེལ་བྱེད་པ། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །རྒྱལ་ [99B] །འོད་ཟེར་བརྒྱ་པ་ཞེས་པ་ཡི། །ཞིང་ན་སངས་རྒྱས་ཉི་མའི་ཞལ། །ཆོས་སྟོན་པ་ན་བདག་གིས་ཀྱང། །དེ་ནི་རང་གིས་སྔོན་ཐོས་ ཏེ༑ ༑དབུལ་བ་སེལ་ཅིང་བསོད་ནམས་ལྡན། །དེ་ནི་བདག་གི་ཤེས་རབ་ཀྱིས། །སེམས་ཅན་ཀུན་དོན་བརྩོན་པ་པོ། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་ མཉམ་བཞག་རབ་ཏུ་ཉོན། །འཕགས་པ་ལྷ་དང་ལྷ་མིན་བླ། །ཤེས་རབ་ལྡན་ཞིང་ཆོས་ལ་གུས། །སྙིང་བརྩེའི་བདག་ཉིད་བཟོད་ལྡན་བརྟན། །དབང་པོ་ཞི་བ་དབང་པོ་ ཐུལ༑ ༑དགེ་བས་སྡིག་འཇོམས་ཤེས་ཉེན་ཅན། །ངེས་ཤིང་དོན་ཀུན་སྒྲུབ་པ་པོ། །མི་གནང་མི་སླུ་དཔལ་དང་ལྡན། །མཛོད་བདག་གཞན་གྱིས་མི་ཐུབ་པ། །དཀོན་མཆོག་ གསུམ་གྱི་སྐྱབས་གཅིག་པ། །སངས་རྒྱས་ཀུན་གྱིས་གཟིགས་པ་པོ། །གཏེར་རྣམས་སྐྱོང་བ་གཟི་བརྗིད་ཅན། །རྟག་སྦྱིན་ནོར་ནི་འཕེལ་བྱེད་པ་།རིན་ཆེན་འབྱུང་ གནས་སྐྱེ་བོ་འདུལ། །ཆུ་ཡི་བདག་པོ་ཆུ་འབེབས་པ། །གནོད་སྦྱིན་ཆུ་སྤྱོད་བདག་ཉིད་ཅན། །གཏེར་དོན་ཉེ་བར་སྟོན་པ་པོ། །གསེར་གྱི་རི་བོ་ལྷུན་པོ་སྟེ། །དབུལ་ བའི་གདོན་ལས་ཐར་བྱེད་པ། །དབང་པོ་ཉེ་དབང་འགྲོ་བའི་མགོན་།ཆུ་ཡི་དབང་པོ་སྤྲིན་མདོག་ཅན། །འཇིག་རྟེན་མིག་དང་འཇིག་རྟེན་བླ། །ཉི་མ་ཟླ་བ་ཐེར་ཟུག་པ། །ནོར་ [100A]༄༅། །ཆེན་རྒྱལ་པོ་ཆེན་པོ་སྟེ། །ལག་ན་ནེའུ་ལེ་རབ་གནས་པ་།གཞོན་ནུ་སེངྒེ་ཏོག་ཅན་ཏེ། །གནོད་སྦྱིན་ཆེན་པོ་རྫུ་འཕྲུལ་ཆེ། །ཚིག་གི་ བདག་པོ་བཞིན་འཛུམ་པ། །གསོང་པོར་སྙན་པར་སྨྲ་བ་པོ། །བྲམ་ཟེ་འདོད་པའི་ལྕགས་ཀྱུ་སྟེ། །ཆེ་བ་དོན་གྲུབ་གྲུབ་པས་མཆོད། །རིག་སྔགས་འཆང་བ་ འཁོར་ལོས་བསྒྱུར། །ཀུ་བེ་ར་དང་མི་ལ་ཞོན། །བུམ་པའི་ལྟོ་ཅན་མིག་ཡངས་པ། །ལྷ་ཡི་དྲི་ལྡན་ཡིད་ལྟར་མགྱོགས། །ཁྱབ་བདག་བདེ་འབྱུང་ནོར་བཟང་ སྲས༑ ༑སེམས་ཅན་རྣམས་ནི་སྐྱོང་ལ་དགའ། །འདོད་རྒྱུར་སྒྱུར་གཟུགས་ཡིད་ཀྱི་ལྷ། །ཅོད་པན་ཅན་དེ་རིགས་དགའ་བ། །གཡོན་ཕྱོགས་ཅོད་པན་ལག་པ་ དབྱུག་ལག་པ་བརྒྱ་པ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ལྷ་ཡུལ་བ། །ཟླ་བ་ཉ་བའི་ཞལ་མདོག་ཅན། །དེད་དཔོན་ཚོགས་ཀྱི་བདག་པོ་སྟེ། གནས་བརྟན་ ཚོང་པ་སྐལ་བ་བཟང། །ཡིད་བཞིན་ནོར་བུ་བུམ་པ་བཟང། །དཔག་བསམ་ལྗོན་ཤིང་མི་ཡི་བདག་མཆོག་དོན་འོས་པ་གཙོ་བོ་སྟེ། །མཆོག་སྦྱིན་མིའུ་ཐུང་ ཁྱབ་འཇུག་པ། །སྐྱབས་འོས་བཀྲ་ཤིས་སྲུང་བ་པོ། །རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། །ལྷ་ཡི་སེངྒེའི་ཁྲི་ལ་བཞུགས་།བྱང་ཆུབ་སེམས་དཔའ་དཔལ་གྱི་ [100B]རབ་ཏུ་དར་བ་ནོར་མི་ཟད། །སེངྒེའི་རྩལ་གྱི་མཐུ་རྩལ་ཅན། །སྟོན་པ་འཇིག་རྟེན་གསུམ་ལས་རྒྱལ། །གཙོ་བོ་ཚོང་པ་རིགས་ཀྱི་མཆོག་པདྨའི་ལྟེ་བ་ཐུབ་ མེད་རྒྱལ། །ཚངས་པར་སྤྱོད་པ་རྒྱ་མཚོ་ཆེ། །གནོད་འཛིན་བདག་ཉིད་ཆེ་བ་ཡི། །མིང་བརྒྱ་རྩ་བརྒྱད་ངས་བཤད་འདི། །སྡིག་པ་ཐམས་ཅད་འཇོམས་བྱེད་ཅིང། །དབུལ་ བའི་ཉོན་མོངས་སེལ་བྱེད་པ། །འབྱོར་དང་སྐལ་བཟང་སྐྱེད་པ་པོ་།གླང་པོ་རྟ་ནོར་འཕེལ་བྱེད་པ། །གཟའ་དང་རྒྱུ་སྐར་རྨི་ལམ་ངན། །ལྟས་ངན་སེལ་བར་བྱེད་པ་ སྟེ༑ ༑ནགས་སམ་གལ་ཏེ་གྲོང་དང་ནི། །དུར་ཁྲོད་ཡང་ན་རི་ཡང་རུང། །མཁས་པ་གང་ན་ཀློག་པ་དར། །གཡུལ་དང་དགྲ་ནི་ཉམ་ང་བ། །སྦྲུལ་དང་མེ་ཆུ་ཆོམ་ རྐུན་སོགས། །སྟག་དང་དོམ་དང་འཇིགས་པ་ཆེ། །རྒྱ་མཚོ་བགྲོད་དཀའ་མི་བཟང་ལས། །མེ་ནི་རབ་ཏུ་ཞི་བར་འགྱུར། །དབང་པོ་མེ་དང་ཆུ་ལྷ་དང། །གཤིན་རྗེ་སྲིན་ བདག་རླུང་ལྷ་དང། །ནོར་སྦྱིན་དཔལ་ལྡན་ཀུ་བེ་ར། །ནོར་བུ་བཟང་སྲས་ལྔ་རྩེན་དང། །རྩེ་མོ་ཅན་དང་འབྲོག་གནས་དང། །ལྷ་དང་གནོད་སྦྱིན་གཞན་དག་ཀྱང། ། གཡེལ་བ་མེད་པར་ཉིན་མཚན་དུ། །རབ་ཏུ་དགའ་བཞིན་སྲུང་བར་བྱེད། །གང་ན་མིང་འདི་ཀློག་པ་དེར། །གླང་ཆེན་རྟ་དང་བ་ལང་དང། །ལོ་ཏོག་རྣམ་པ་སྣ་ཚོགས་དང་ [101A]༄༅། །འབྲས་བུ་མེ་ཏོག་རྣམས་ཀྱང་འཕེལ། །མི་ནད་དང་ནི་འགོ་བའི་ནད། །གནོད་པ་ཀུན་ལས་བྱུང་བ་རྣམས། །ཐམས་ཅད་དུ་ནི་བདེ་ ལེགས་འགྱུར། །ལྷག་པར་བྱིས་པ་རྣམས་ལ་ཤིས། །དེ་ལ་ཡི་དྭགས་ཀླུ་རྣམས་དང། །མ་མོ་དང་ནི་གདོན་དྲག་དང། །མཁའ་འགྲོ་མ་དང་མིའམ་ཅི། །སྲིན་ པོ་རྣམས་ཀྱང་འཆི་མི་བྱེད། །ནད་དོ་ཅོག་ལས་རྣམ་པར་གྲོལ། །དེ་བཞིན་བདེ་ཞིང་ནོར་དང་ལྡན། །བུ་དག་དང་ནི་ཚ་བོ་དང། །དཔལ་དང་གཏོང་བ་རྣམས་ཀྱིས་ རྒྱས༑ ༑རིགས་མཆོག་རྒྱལ་བ་འབྱུང་བ་དང། །ལོངས་སྤྱོད་ཆེན་པོའི་ནང་དུ་སྐྱེ། །ཚེ་དང་དཔལ་དང་ལྡན་པ་དང། །ནད་མང་རིགས་དང་བྲལ་བར་འགྱུར། །ཚེ་རབས་ ཀུན་ཏུ་སྐྱེ་བ་དྲན། །ལོབས་སྐྱེན་ཐོས་པ་འཛིན་པ་དང། །བྱང་ཆུབ་སེམས་དཔའི་ཡོན་ཏན་ལྡན། །སྐལ་བ་བཟང་པོ་ཉིད་དུ་འགྱུར་ཕྱག་འཚལ་ཕྱག་འཚལ་ གནོད་སྦྱིན་རྗེ། །གསང་བདག་ཁྱོད་ལ་ཕྱག་འཚལ་ཏེ། །མ་རུངས་འདུལ་ལ་བརྩོན་པ་པོ། །ལག་ན་རྡོ་རྗེ་ཁྱོད་ལ་འདུད། །སེམས་ཅན་དད་ལ་མཉེས་གཤིན་པ། ། ནོར་བཟང་སྲས་ཀྱི་གྲགས་པ་འདི། །དབུལ་བའི་ནད་ནི་ཞི་བྱེད་པ་།རབ་ཏུ་བཤད་པ་ལེགས་པར་གསུངས། །དོན་ཀུན་གྲུབ་པ་གསང་བའི་སྔགས། །བདག་གིས་ཀྱང་ [101B] །དེ་ནི་ལེགས་པར་དྲན་ཙམ་གྱིས། །མེ་ནི་དབུལ་ལས་གྲོལ་འགྱུར་ཞིང། །གཞན་གྱིས་མི་ཚུགས་སྲུང་བར་འགྱུར་།དགྲ་རྣམས་ཀྱིས་ཀྱང་མི་ཚོར་ ཞིང། །སྐལ་པ་བཟང་དང་སྐལ་དང་ལྡན། །ལོ་བརྒྱ་ཡང་ནི་འཚོ་བར་འགྱུར། །ལྷ་ཡི་གླང་པོ་རིན་ཆེན་དང། །རྒྱལ་དང་རྒྱལ་སྲིད་འོས་རྣམས་ཀྱང། །ངེས་པར་མྱུར་དུ་ ཐོབ་འགྱུར་ཏེ། །རྒྱལ་སྲིད་ཀྱང་ནི་ཐེ་ཚོམ་མེད། །ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་མ་ཎི་བྷ་དྲ་ཡ། །མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། །ཨོཾ་ཧྲཱིཾ་ཧཱྲཾ་ཀྵཱ་ཛྲཱིཾ་ཧཱཾ་ཧྲཱཾ། དཱིཔ་བྱ་རྲཏྣཽ་ག་པ་རི་ཤ་ན་ཨ་ཏ་ ཝཱ་ཀ་དེ་བ་ཡཀྵ་ས་མ་ཡ་མ་ནུ་སྨ་ར་ཧིཿ་ཧཱུཾ་ཕཊ་སཱ་ཧཱ་འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པར་རྫོགས་སོ།།།།